༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ལྟེ་གནས་ཀྱི་བོད་ཀྱི་གསོ་རིག་རིག་གནས་མྱོང་རོལ་ཁང་ངོ་སྤྲོད་མདོར་བསྡུས།

བོད་ཀྱི་གསོ་རིག་རིག་གནས་མྱོང་རོལ་ཁང་འདིར་བོད་ཀྱི་གསོ་བ་རིག་པའི་བྱུང་འཕེལ་ལོ་རྒྱུས་དང་བོད་ཀྱི་གསོ་རིག་སློབ་གྲྭ་རིམ་བྱུང་གི་ལོ་རྒྱུས།  བོད་ཀྱི་གསོ་རིག་གཤགས་ལས་རིག་པའི་ལོ་རྒྱུས་དང་ཆ་བྱད་ངོ་སྤྲོད།  སྨན་རྩིས་ཟུང་འབྲེལ་གྱི་ནད་ཐོག་རིན་ཐང་། བོད་ཀྱི་གསོ་རིག་མཁས་དབང་རིམ་བྱོན་གྱི་མཛད་རྣམ་ངོ་སྤྲོད།  བོད་ཀྱི་གསོ་བ་རིག་པའི་དཔྱད་བཅོས་མྱོང་རོལ་ཁང་བཅས་ཀྱིས་གྲུབ་ཅིང་།  ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་རྗེས་བླ་ན་མཐོ་བའི་བོད་ཀྱི་གསོ་རིག་མཁས་དབང་བཅུ་གཉིས་ཟུར་དུ་བཏོན་ཏེ།  ཁོང་རྣམ་པའི་ཚབ་མཚོན་རང་བཞིན་ཅན་གྱི་གསོ་རིག་བརྩམས་ཆོས་པོད་༣༦དང་། གསར་བཟོ་མཛད་ཅིང་ནད་ཐོག་ལག་ལེན་ཁྲོད་ཕན་ནུས་མངོན་གསལ་དོད་པའི་སྨན་གྱི་སྦྱོར་སྡེ་སོགས་བོད་ཀྱི་གསོ་བ་རིག་པའི་ཤུལ་བཞག་གཅེས་ནོར་སྣ་ཚོགས་འགྲེམས་སྤེལ་བྱས་ཡོད་ལ།  མ་དཔེ་དཀོན་ཅིང་དཔེ་རྒྱུན་དག་པའི་བརྩམས་ཆོས་འདི་དག་ནི་བོད་ཀྱི་གསོ་རིག་གཞུང་ལུགས་ཞིབ་འཇུག་དང་ནད་ཐོག་ལག་ལེན་ལག་ལེན་ཁྲོད་མེད་དུ་མི་རུང་བའི་དཔེ་རྙིང་འགངས་ཆེན་ཤ་སྟག་ཡིན་པས།  འདིས་བོད་ཀྱི་གསོ་བ་རིག་པར་རྒྱུན་རིང་གི་ལོ་རྒྱུས་ལྡན་ཞིང་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་བར་ཡོད་པའི་རིག་གནས་ཀྱི་རིན་ཐང་མངོན་པར་མཚོན་ཐུབ། དེ་བས་གནས་འདི་རུ་ཕྱོགས་ཀྱི་སྐུ་མགྲོན་དག་གིས་བོད་ཀྱི་གསོ་བ་རིག་པར་སྔར་ལས་ལྷག་པའི་རྒྱུས་ལོན་བྱ་ཆེད། བོད་ཀྱི་གསོ་རིག་རིག་གནས་དང་འབྲེལ་བའི་པར་ཡིག་དངོས་གསུམ་གྱི་མིག་གི་ལོངས་སྤྱོད་གྱ་ནོམས་པ་ཤིག་ཕུལ་ཡོད་ལ། འདིའི་དགེ་བའི་མཐུ་ལ་བསྟེན་ནས་བོད་ཀྱི་གསོ་བ་རིག་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་ནམ་མཁའ་དང་མཉམ་པའི་ཕན་ཐོགས་པར་གྱུར་ཅིག་གུ།།

甘南藏族自治州藏医药文化展览中心——四楼藏医药历史馆简介

楼藏医药文化体验馆由历代藏医院校发展简史,藏医药发展简史,藏医外科手术史简史及器械简介,天文理算与藏医药的关系,历代名医图,藏医理疗体验厅等内容组成,尤为可贵的是精选了十二位历代杰出藏医大师的代表性著作36余函部以及其研创的藏药名方,著作中不乏流传稀少,校刻精良,学术价值的善本、珍本,以及珍贵的藏医药方方面面的实物展示,突显了藏医药博大精深、源远流长的历史发展和文化价值,为广大游客和民众深入了解藏医药文化提供最直观的视觉文化盛宴,从而让更多的人了解藏医药,让藏医药更好的为大众健康服务。


1528446373382141.jpg     1528446373899803.jpg

1528446374428211.jpg     1528446374713649.jpg

1528446374991536.jpg     1528446374945152.jpg

      1528446374920708.jpg     1528446374644141.jpg      

   1528446374158123.jpg     1528446374630973.jpg

图片关键词     图片关键词