༄༅།། ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱི་ཕྱོགས་བསྡུས་འགྲེམ་སྟོན་ཁང་ངོ་སྤྲོད།

     རི་མཐོ་ས་གཙང་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གནས་མཆོག་འདིར་འཛམ་གླིང་ཡང་རྩེ་ཞེས་པའི་མཚན་སྙན་གསོལ་ཡོད་ལ།གནས་འདི་ན་གཉུག་མར་གནས་པའི་བོད་རིགས་མི་དམངས་ཀྱིས་མཚར་སྡུག་འོད་སྟོང་འབར་བའི་བོད་ཀྱི་རིག་གནས་ཆ་ཚང་བ་ཞིག་རྒྱུན་འཛིན་བྱས་ཡོད་པར་མ་ཟད།མི་ལོ་སྟོང་ཕྲག་བཞི་ཡི་གསོ་དཔྱད་ཀྱི་འཕེལ་རིམ་བརྒྱུད་ནས་དུས་ད་ལྟ་ལ་ཐུག་གི་བར་མིའི་རིགས་ཀྱི་ནད་རིགས་སྣ་ཚོགས་དང་འཐབ་མོ་རྣམ་པར་བཀྱེ་བའི་ཉམས་མྱོང་གི་མན་ངག་ཕྱོགས་གཅིག་ཏུ་བསྡུས་ནས་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གསོ་རིག་གི་གཞུང་ལུགས་ཚད་ལྡན་དཔལ་ལྡན་རྒྱུད་བཞི་ཞེས་པའི་ཆེ་བ་བཅུ་གཅིག་དང་ལྡན་པ་དེ་ཉིད་རྩོམ་སྒྲིག་མཛད་པ་རེད།དེ་ནི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་གཞུང་ལུགས་ཀྱི་མ་ལག་ཆ་ཚང་ཅན་དུ་གྱུར་བའི་རྟགས་མཚན་གལ་ཆེན་ཞིག་ཡིན།

     དེ་བཞིན་མདོ་སྨད་ཀན་ལྷོའི་ཕྱོགས་འདིར་ཡང་བཙན་པོའི་རྒྱལ་རབས་ཀྱི་མངའ་ཐང་དར་བའི་དུས་ནས་བོད་ཀྱི་གསོ་རིག་གི་འཕྲིན་ལས་རྒྱས་ཡོད་དེ།ལོ་རྒྱུས་ཡིག་ཚང་དུ་འཁོད་པ་ལྟར་ན།ཀན་ལྷོའི་ཡུལ་འདི་ནི་བཙན་པོའི་དམག་དཔུང་ཤར་ཕྱོགས་སུ་བསྐྱོད་དུས་ཁྲོམ་གྱི་གནས་གཞི་གཙོ་བོ་ཞིག་ཡིན་པར་བཤད་ཅིང་།བཙན་པོའི་དམག་དཔུང་ལ་བྲང་ཏི་རྒྱལ་མཉེས་མཁར་ཕུག་ལྟ་བུའི་རྨ་བཅོས་ལག་ལེན་དང་བཅས་པར་བྱང་ཆུབ་པའི་སྨན་པ་རྗེས་འབྲངས་སུ་ཡོད་པར་གསལ་བས།དེང་སྐབས་དམངས་ཁྲོད་དུ་རྨ་བཅོས་ལག་ལེན་སྟབས་བདེ་རེ་ཡོད་པ་དག་ཀྱང་དེ་དུས་ནས་བརྒྱུད་པ་ཞིག་ཡིན་པར་མངོན།འདི་ལྟར་བོད་ཀྱི་གསོ་བ་རིག་པ་དེ་ཀན་ལྷོའི་ཡུལ་འདིར་དར་ནས་མི་ལོ་ཆིག་སྟོང་ལྷག་འདས་པའི་དུས་ཏེ་སྤྱི་ལོ༡༧༨༤ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་མཆོག་གིས་ས་གནས་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ཞེས་ཀན་ལྷོའི་ཆེས་ཐོག་མའི་གསོ་རིག་སློབ་གླིང་དེ་བཙུགས་པ་རེད།འདི་ལ་བརྟེན་ནས་ཅོ་ནེ་དགོན་ཆེན་གྱི་སྨན་པ་གྲྭ་ཚང་དང་། ༼༡༨༨༦༽  ཀླུ་ཆུའི་སྟག་ཚང་ལྷ་མོ་དགོན་པའི་སྨན་པ་གྲྭ་ཚང་། ༼༡༩༤༨༽  རྨ་ཆུའི་སྨན་པ་གྲྭ་ཚང་ ༼༡༩༨༥༽  སོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་ཡོད།

    སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་གསུམ་པ་ནས་བཟུང་།ཏང་གི་ཡང་དག་པའི་སྲིད་ཇུས་དང་ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན་ནས་ཀན་ལྷོའི་བོད་ཀྱི་གསོ་བ་རིག་པའི་ལས་དོན་ལའང་འཕེལ་རྒྱས་སྔར་ལས་ལྷག་པ་བྱུང་ཞིང་།སྔ་གཞུག་ཏུ་བསང་ཆུ་རྫོང་བོད་སྨན་ཁང་དང་། ༼༡༩༧༦༽  ཀན་ལྷོ་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་། ༼༡༩༨༠༽  ཀླུ་ཆུ་རྫོང་བོད་སྨན་ཁང་། ༼༡༩༨༠༽  རྨ་ཆུ་རྫོང་བོད་སྨན་ཁང་། ༼༡༩༨༤༽  ཅོ་ནེ་རྫོང་བོད་སྨན་ཁང་། ༼༡༩༨༥༽ ཐེ་བོ་རྫོང་བོད་སྨན་ཁང་། ༼༡༩༨༨༽  འབྲུག་ཆུ་རྫོང་ཀྲུང་བོད་སྨན་ཁང་༼༢༠༠༠༽  བཅས་བཙུགས་པར་མ་ཟད།མིག་སྔར་ཁུལ་ཡོངས་སུ་GPPཡི་ཚད་གཞིར་ལོན་པའི་བོད་སྨན་སྡེབ་སྦྱོར་ཁང་བདུན་དང་།GMPཡི་ཚད་གཞིར་ལོན་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་གསུམ་བཅས་ཡོད།

    སྤྱི་ལོ་༡༩༨༠ལོར་ཀན་ལྷོ་ཁུལ་གྱི་ཆེས་ཐོག་མའི་གསོ་རིག་ཞིབ་འཇུག་སྒྲིག་འཛུགས་ཏེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་བཙུགས་ཤིང་། དེས་ཀན་ལྷོའི་བོད་ཀྱི་གསོ་རིག་དེ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ།ད་ལྟའི་བར་ལོ་ངོ་སུམ་ཅུ་ལྷག་གི་འབད་བརྩོན་བརྒྱུད་ནས་ཀན་ལྷོ་ཁུལ་སྨན་རྩིས་ཁང་ནི་ཀན་སུའུ་ཞིང་ཆེན་གྱི་བོད་སྨན་སྨན་བཅོས་དང་ཚན་ཞིབ །སྨན་རྫས་སྦྱོར་བཟོ །སློབ་སྟོན་དངོས་སྦྱོང་།རིག་གནས་ཁྱབ་བསྒྲགས་བཅས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།

     ད་ལྟ་ངེད་སྨན་རྩིས་ཁང་ལ་ནད་བཅོས་ཚན་ཁག་ཆ་ཚང་བ་ཡོད་པར་མ་ཟད།སྨན་སྦྱོར་ལྟེ་གནས་དང་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་ཁང་།ནད་ཐོག་ཞིབ་འཇུག་ཁང་།སྨན་རྫས་ཞིབ་འཇུག་ཁང་།གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་བཅས་ཚན་རིག་ཞིབ་འཇུག་དང་སྨན་རྫས་སྦྱོར་བཟོའི་ཚན་ཁག་ཀྱང་ཚུགས་ཡོད།གཞན་ཡང་།རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ་ཡི་གཙོ་གནད་ཚན་ཁག་གཉིས་དང་༼ཕོ་ནད་ཆེད་བཅོས་ཚན་ཁག་དང་དྲེག་གྲུམ་ཆེད་བཅོས་ཚན་ཁག ༽ཀན་སུའུ་ཞིང་ཆེན་གྱི་གཙོ་གནད་ཚན་ཁག་གཉིས།༼བོད་ལུགས་དཔྱད་བཅོས་ཚན་ཁག་དང་ཀླད་ནད་ཚན་ཁག༽  སྨན་ཁང་ནང་ཁུལ་གྱི་གཙོ་གནད་ཚན་ཁག་གཉིས་༼མཆིན་མཁྲིས་ཚན་ཁག་དང་གཅིན་སྙི་ཟ་ཁུའི་ནད་ཀྱི་ཚན་ཁག༽  བཅས་ཡོད།

སྨན་རྩིས་ཁང་ལ་ཁྱོན་བསྡོམས་ལས་བཟོ་བ་༡༢༡ཡོད་པ་དང་སྨན་བཅོས་ཆེད་ལས་ལག་རྩལ་མི་སྣ་༡༡༣ཡོད་ལ།དེའི་ནང་དུ་ཀན་སུའུ་ཞིང་ཆེན་གྱི་མིང་གྲགས་ཀྲུང་ལུགས་སྨན་པ་གཉིས།སྨན་པ་འབུམ་རམས་པ་ལྔ།སྨན་པ་འབུམ་རམས་པ་གཞོན་པ་༢༣དང་།སྨན་པ་རབ་འབྱམས་པ་༤༧ །དམིགས་བསལ་གདན་འདྲེན་ཞུས་པའི་གསོ་རིག་འབུམ་རམས་པ་གཉིས་དང་རབ་འབྱམས་པ་གསུམ་བཅས་ཡོད།

    སྨན་རྩིས་ཁང་འདི་སྔ་གཞུག་ཏུ་རྒྱལ་ཡོངས་ལས་ཐོག་སྨན་པའི་ཐོབ་ཐང་རྒྱུགས་བཤེར་དང་ལག་ལེན་འཇོན་ནུས་རྒྱུགས་བཤེར་ལྟེ་གནས།ཀན་སུའུ་ཞིང་ཆེན་གྱི་བོད་ལུགས་གསོ་རིག་རྒྱུན་མཐུད་སློབ་གསོའི་ལྟེ་གནས།ཀན་སུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྟོན་དངོས་སྦྱོང་ལྟེ་གནས་བཅས་ཡིན་པར་གཏན་འཁེལ་བྱས་ཡོད་པས། རྒྱལ་ཡོངས་མི་རིགས་གསོ་རིག་དང་བོད་ལུགས་གསོ་རིག་པའི་སྡེར་སྙན་གྲགས་ཀྱིས་ཁྱབ་ཡོད་དོ།

甘南州藏医药文化展览中心——三楼综合展厅简介

举世无双的青藏高原雄浑壮阔,这块素有“世界屋脊”之称的神奇土地,孕育了伟大的藏民族和灿烂辉煌的藏族文化,积淀四千年历史的藏医药积高原万物之精华博大精深而独步天下,史书记载公元前三世纪,就有了“有毒就有药”的说法,成书于公元八世纪末的由杰出藏医药学家玉妥·云丹贡布撰写的《四部医典》是藏医药学不朽的奠基巨作和经典教材,这部空前的系统性的藏医药学经典著作标志着藏医理论体系的完成。

藏医药学在甘南这块神奇土地上的流传可追溯到吐蕃鼎盛时期,史书记载那时甘南地区是吐蕃厉兵秣马、养精蓄锐的根据地之一,随着吐蕃军队的东进藏医药学大量传入甘南地区,逐步融合发展成为千百年藏医药文化精髓的集中地,创建于1784年的拉卜楞寺曼巴扎仓(藏医学院)是甘南创建最早的藏医学院 ,随后相继成立了卓尼县贡巴寺曼巴扎仓(1886年)、碌曲县郎木寺曼巴扎仓(1948年)、玛曲县夏秀寺曼巴扎仓(1985年)等寺院医学院。

十一届三中全会以来,在党的民族政策的光辉照耀下、在甘肃省卫计委的大力支持下、在州委州政府的亲切关怀下,甘南藏医药事业蓬勃发展,先后成立了夏河县藏医院(1976年成立)、甘南州藏医药研究所(1980年成立)、碌曲县藏医院(1980年成立)、玛曲县藏医院(1984年成立)、卓尼县藏医院(1985年成立)、迭部县藏医院(1988年成立)、舟曲县中藏医院(2000年成立),截止目前全州GPP达标藏药制剂室共有七个,GMP达标藏药生产企业三家。

1980年全国第一所藏医药研究机构甘南州藏医药研究所的成立,标志着甘南藏医药进入新的历史起点,掀开了新的历史篇章,经过三十余年的努力拼搏,甘南州藏医医院(甘肃省藏医药研究院、甘南州藏医药研究院、)已成为甘肃省集藏医医疗、科研、制剂生产、教学实习、文化传播为一体的中心基地。医院科室齐全,同时设有制剂中心、基础理论研究所、临床研究所、药物研究所、天文历算研究所。医院拥有国家中医药管理局重点专科2个(藏医胃病专科、藏医风湿病专科、),甘肃省重点专科2个(藏医外治专科、脑病专科),院内重点专科2个(藏医肝胆病专科、糖尿病专科)。全院现有职工121人,卫生专业技术人员113人,甘肃名中医2名,正高职称5名、副高职称23人、中级职称47人,其中引进藏医学博士2名,研究生3名。医院先后授予“全国执业医师资格考试实践技能考试基地”、“甘肃省藏医药继续教育基地”、“甘肃中医药大学教学实习基地” “全省藏医药适宜技术培训基地”等,在全国民族医药及中藏医药界享有较高声誉。

1528449464750296.jpg     1528449463472250.jpg

1528429342163262.jpg     1528429342403268.jpg

1528429342562116.jpg     1528429342396329.jpg

1528429343252100.jpg     1528429343529168.jpg

1528429343589060.jpg     1528429343355421.jpg

1524670421139134.jpg     1528429343509741.jpg 

1528429343269609.jpg     1528429343968560.jpg

1528429343881438.jpg     1528429343988418.jpg