༄༅།།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམས་སྟོན་ལྟེ་གནས་ཀྱི་སྨན་རྫས་བཤམས་སྟོན་ཁང་ངོ་སྤྲོད་མདོར་བསྡུས།

       

   ངེད་སྨན་སྦྱོར་ལྟེ་གནས་ཀྱིས་ད་སྔའི་བར་སྨན་སྦྱོར་མི་འདྲ་བ་༤༠༠ལྷག་གསར་བཟོ་མཛད་དེ་ནད་ཐོག་ལག་ལེན་ཁྲོད་དངོས་སུ་བེད་སྤྱོད་བྱེད་བཞིན་ཡོད་ལ། དེ་ལས་སྨན་༣༠༨ལ་སྨན་ཁང་ནང་ཁུལ་གྱི་སྦྱོར་བཟོའི་ཆོག་མཆན་ཐོབ་ཡོད་མ་ཟད།  རྒྱལ་ཡོངས་མི་རིགས་གསོ་རིག་ལས་ཁུངས་ཁྲོད་སྨན་ཁང་ནང་ཁུལ་དུ་རིལ་བུ་དང་། ཕྱེ་མ། སྤྱིན་ཐུམ།  སྨན་ལེབ།  སྦང་ཁུ བཅས་སྦྱོར་སྡེ་མི་འདྲ་བ་ལྔར་སྦྱོར་བཟོའི་ཆོག་མཆན་ཐོབ་པའི་བོད་སྨན་སྦྱོར་བཟོ་ཁང་གཅིག་པུ་དེ་ཡིན་ལ། ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་སྨན་རྫས་འདུལ་སྦྱོང་གི་ལག་ལེན་ཚུལ་བཞིན་བྱས་པ་བརྒྱུད། ནད་བརྒྱ་འཇོམས་པའི་སྨན་མཆོག་ཏེ་རིན་ཆེན་བཙོ་བཀྲུ་ཆེན་མོའི་ལག་ལེན་ཞིབ་ཚགས་ལྡན་པའི་སྒོ་ནས་ཐེངས་བཅུ་བཞི་ལ་ལེགས་འགྲུབ་བྱུང་། དེ་མིན་མཚོ་ངོས་མཐོ་ཚད་༤༠༠༠ཡན་གྱི་རྫ་བྲག་གངས་གསུམ་དུ་འཁྲུངས་པའི་སྨན་རྫས་རྩ་ཆེན་འཐུ་སྒྲུབ་བྱས་ཏེ།  སྨན་སྣ་མང་ཞིང་སྨན་རྫས་འདུལ་སྦྱོང་དང་སྦྱོར་སྡེབ་ལག་ལེན་རྙོགས་འཛིང་ཆེ་བའི་མུ་ཏིག་བདུན་ཅུ་དང་།  མུ་ཏིག་ཉེར་ལྔ།  བྱུ་དམར་ཉེར་ལྔ་སོགས་སྙིང་ཀླད་ཁྲག་རྩ་དང་དབང་རྩའི་སྨན་མཆོག་ཁག་ཅིག་དང་།  འཇུ་བྱེད་མ་ལག་དང་དུག་ནད་འཇོམས་པའི་སྨན་མཆོག་རིན་ཆེན་གྲང་སྦྱོར་དང་།  རིན་ཆེན་མང་སྦྱོར། བཙོ་བཀྲུ་ཟླ་ཤེལ། གཞན་ཡང་མཆིན་ནད་འཇོམས་པའི་སྨན་མཆོག་གཡུ་རྙིང་ཉེར་ལྔ་སོགས་རིན་པོ་ཆེའི་སྨན་སྦྱོར་རིགས་བདུན་སྦྱོར་བཟོ་མཛད་ཅིང་། དེ་ལས་མཆིན་སྨན་གཡུ་རྙིང་ཉེར་ལྔར་༢༠༠༢ལོར་ཀན་ལྷོ་ཁུལ་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་ཐོབ།

   སྤྱི་ལོའི་དུས་རབས་བཅུ་བདུན་པར་བོད་ཀྱི་གསོ་དཔྱད་མཁས་དབང་སྟེ། སྨན་རྫས་རིག་པའི་ཁྱུ་མཆོག་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེང་དུ། མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྐྱེས་ཁམས་འཁོར་ཡུག་ཏུ་འཁྲུངས་ཤིང་སྐྱེས་སྟོབས་ཀྱི་དཔལ་དང་ལྡན་པའི་སྨན་རྫས་རིགས་མི་འདྲ་བ༢༢༩༤བཀོད་ཡོད་ཅིང། དེ་དག་ལ་གཅེས་པའི་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་འཐུ་སྒྲུབ་དང་འདུལ་སྦྱོང། སྦྱོར་སྡེབ་སོགས་ཀྱི་ལག་ལེན་ཚུལ་བཞིན་བྱས་ཤིང་། སྨན་སྒྲུབ་དང་རབ་གནས་སོགས་ཆོ་ག་ཕྱག་ལེན་ཆ་ཚང་བར་སྤེལ་ཏེ་སྦྱོར་བཟོ་བྱས་པའི་སྨན་རྫས་དག་ལ་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་ནུས་པ་རྣོ་མྱུར་དང་ལྡན་ཡོད་དེ། དཔེར་ན།  ཕོ་བའི་ནད་རིགས་འཇོམས་པར་རིལ་དཀར་དང་སེ་འབྲུ་བཅུ་དྲུག བཙོ་སྨུག་སོགས་ཡོད་ལ།  མཆིན་མཁྲིས་ནད་ཀྱི་སྨན་མཆོག་གསེར་མདོག་བཅུ་བ་དང་ཏིག་ཏ་བརྒྱད་པ། གུར་གུམ་མཆོག་བདུན་སོགས་དང། སྙིང་ཀླད་ཁྲག་རྩའི་ནད་སེལ་བར་སྐྱུ་རུ་ཉེར་ལྔ་དང་སྙིང་ཞོ་བདུན་པ།  ཐང་ཆེན་ཉེར་ལྔ།  བསམ་འཕེལ་ཉེར་ལྔ། ཨ་གར་སོ་གཅིག ཛ་ཏི་ཉི་ཤུ།  སེམས་བདེ་སོགས །  གཅིན་སྙི་ཟ་ཁུའི་ནད་ལ་གཅིན་སྙི་ཨ་རུ་བཅོ་བརྒྱད་དང་། ཡང་བ་བཞི་ཐང་།  སེ་འབྲུ་དྭངས་གནས། མོ་ནད་འཇོམས་པར་སེ་འབྲུ་དྲུགཔ་དང་། འོལ་སེ་ཉེར་ལྔ།  ཞི་བྱེད་བཅུ་གཅིག  བ་སྤྲུ་བདུན་པ། ལུས་ཟུངས་དང་རོ་ཙ་གསོ་བའི་སྨན་ལ་སེ་འབྲུ་ཉི་མའི་དཀྱིལ་འཁོར་དང་དབང་ལག་བཅུ་བ། འབའ་སམ་སྨན་མར།  ཁམས་གསོའི་ནོར་བུ་སོགས་ཡོད་དོ།། 

 

甘南藏族自治州藏医药文化展览中心——一楼藏药材展示馆

    制剂中心已开发研制藏成药方剂400多种,已有308种院内制剂品种分别获得批准文号(注册号),是全国民族医药机构中唯一获得五种剂型院内《制剂许可证》的藏药制剂生产机构。有丸剂、散剂、胶囊剂、片剂、颗粒剂等五剂型生产线。严格按照千年配方精制成功稀世珍宝、至尊圣药“仁青佐钛”十四批次。特选平均海拔4000米以上的雪域高原珍贵藏药材,并加入藏药宝中宝“仁青佐钛”,精制成功处方庞大、取材考究的心脑血管、神经系统名药“七十味珍珠丸”、“二十五味珊瑚丸”、“二十五味珍珠丸”,消化系统及解毒圣药“仁青芒觉”“坐珠达西”等七种至尊珍宝丸。肝病特效珍宝丸“新型藏药——二十五味松石丸的研制”于2002年被评为甘南州科技进步一等奖。

    成书于公元十七世纪被列入我国经典本草著作的《晶珠本草》记载了青藏高原几千种主要药材,神奇的地域药材在高寒、日照时间长、无污染等特殊的生长环境下,造就了药材非凡的生命力,加上精湛的炮制工艺和考究的配方以及生产出的药品需诵经七天供奉的传统加持增效仪式,制造出粒粒贵重强劲高效的藏成药,如胃病良药“洁白丸”“十六味石榴散”、“六味能消数”、“佐木”等,肝胆病良药“赛多吉哇”、“蒂达杰巴”、“七味红花殊胜丸”等,心脑血管良药“二十五味余甘子丸”、“七味广枣散”、“二十五味大汤丸”、“二十五味如意丸”、“三十一味沉查丸”、“二十味肉豆蔻丸”“安神丸”等,糖尿病良药“十八味词子尿丸”“四味姜黄汤散”、“石榴健胃丸”等。妇科良药“六味石榴散”、“二十五味鬼臼丸”、“十一味能消散”、“七味紫茉莉散”等,滋补强壮良药“石榴日轮丸”、“十味手参丸”、“巴桑曼玛”“康速能补胶囊”等。

    由于藏医讲究辨证施治,请在藏医医师指导下合理配伍用药。

1524670186904054.jpg    1524670186131956.jpg

1528427969899543.jpg    1528427969442763.jpg

甘肃省藏医药研究院/甘南藏族自治州藏医医院/藏医藏药/甘南藏药/甘肃藏医    1528448321330515.jpg

1528448321762156.jpg    1528448321929204.jpg

1528448321360498.jpg    1528448321491891.jpg