༄༅།། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་གསོ་རིག་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱི་སྨན་རྫས་བཤམས་སྟོན་ཁང་ངོ་སྤྲོད་མདོར་བསྡུས།

མཚོ་བོད་མཐོ་སྒང་གི་གཞི་རྒྱ་ཆེ་བའི་ས་ཁྱོན་གྱིས་རྒྱལ་ཡོངས་ཀྱི་བཞི་ཆ་གཅིག་ཟིན་ཡོད་ལ། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་ཡན་ཡིན་པས། གནས་འདི་ནི་བོད་སྨན་སྨན་རྫས་ཀྱི་ཞིང་ཁམས་མཆོག་ཏུ་གྱུར་བ་དང་ཞིག་དང་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཁོར་ཡུག་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།

འབྲེལ་ཡོད་ཡིག་ཆ་ལྟར་གནས་འདིའི་བོད་སྨན་སྐྱེ་དངོས་སྨན་རྫས་རྣམས་སྡེ་ཚན་དང་ཁོངས།རིགས་བཅས་སུ་བསྡུས་ན། སྡེ་ཚན༡༩༡དང་།ཁོངས་གཏོགས༦༩༢  རིགས་༢༠༨༥ཡོད། སྲོག་ཆགས་ཀྱི་སྨན་རྫས་སྡེ་ཚན༥༧དང་། ཁོངས་གཏོགས༡༡༡ རིགས༡༥༩བཅས་ཡོད། གཏེར་དངོས་སྨན་རྫས་རིགས་མི་འདྲ་བ་༨༠ ལྷག་ཡོད།

མཚོ་བོད་མཐོ་སྒང་གི་ཤར་བྱང་རྒྱུད་དུ་གནས་སྡོད་གཞིས་ཆགས་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རང་རྒྱལ་གྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཡིན །གནས་འདིའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་རྨིད༣༠༠༠ཡན་ཡིན་ལ།མཁའ་དབུགས་གཙང་ཞིང་རྫས་འགྱུར་འབག་བཙོག་གིས་མ་གོས་པས་བོད་སྨན་སྐྱེ་དངོས་སྨན་རྫས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད།བོད་སྨན་གྱི་སྨན་རྫས་མང་ཆེ་བ་ནི་མཚོ་ངོས་ལས་མཐོ་ཚད་རྨིད་༣༨༠༠ ཡན་གྱི་རི་བྲག་རྫ་འཕྲང་དུ་སྐྱེས་ཡོད་པས།དྭངས་གཙང་ལྷད་མེད་ཀྱི་སྨན་རྫས་འདི་དག་གིས་བོད་ཀྱི་གསོ་རིག་ལ་རྒྱུན་ཆད་མེད་པའི་གསོན་ཤུགས་སྩོལ་བཞིན་ཡོད།རྒྱལ་ཡོངས་སུ་གཙོ་གནད་དུ་བཟུང་ནས་འཚོལ་ཞིབ་བྱས་པའི་སྨན་རྫས་རིགས་༣༦༢ཀྱི་ནང་དུ་ཀན་ལྷོ་ཁུལ་ནས་༢༢༧རྙེད་ཡོད་པ་དང་།ཀན་སུའུ་ཞིང་ཆེན་ལ་དམིགས་བསལ་དུ་ཡོད་པའི་སྨན་རྫས་མང་པོ་ཞིག་ཀན་ལྷོའི་ཡུལ་འདིར་ཡོད་དེ།དཔེར་ན།གླ་རྩི།དོམ་མཁྲིས།ཤ་རྭ།གི་ཝང་།དབྱར་རྩྭ་དགུན་འབུ།བྱ་རྒོད་སུག་པ།སྲོ་ལོ་དམར་པོ།རྟ་ལྤགས་པ།ཅོང་ཞི།ལྕུམ་རྩ་སོགས་ལྟ་བུའོ།།

བོད་ཀྱི་གསོ་རིག་ལ་ལོ་ངོ༤༠༠༠ལྷག་གི་ལོ་རྒྱུས་ཡོད་པ་དེ་ཡིག་ཚང་གིས་ཁུངས་སྐྱེལ་ཐུབ་ལ།སྤྱི་ལོའི་དུས་རབས་བརྒྱད་པའི་དུས་མཇུག་ཏུ་བོད་ཀྱི་གསོ་དཔྱད་མཁས་དབང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་མཆོག་གིས་གསོ་དཔྱད་གཞུང་ལུགས་གལ་ཆེན་དཔལ་ལྡན་རྒྱུད་བཞི་ཞེས་པ་མཛད།གཞུང་དེར་སྨན་རྫས་རིགས་མི་འདྲ་བ༡༠༠༢ཡོད་པ་རྣམས་རིན་ཆེན་སྨན་དང་ས་སྨན་རྡོ་སྨན།རྩི་སྨན།ལྡུམ་བུ་ཐང་སྨན།རི་དྭགས་ཀྱི་སྨན་བཅས་སྡེ་ཚན་བརྒྱད་དུ་བསྡུས་ཡོད་པ་དང་།ཁོང་གིས་སྨན་རྫས་ལ་རོ་དྲུག་དང་ནུས་པ་བརྒྱད།ཞུ་རྗེས་གསུམ།ཡོན་ཏན་བཅུ་བདུན་བཅས་ཡོད་པར་གསུངས་ཤིང་།དུས་རབས་བཅོ་བརྒྱད་པའི་གསོ་དཔྱད་མཁས་དབང་བོད་ཀྱི་སྨན་རྫས་རིག་པའི་ཁྱུ་མཆོག་དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེང་དུ་སྨན་རྫས་རིགས་མི་འདྲ་བ༢༢༩༤བཀོད་ཡོད་ལ།དེ་དག་རིན་ཆེན་སྨན་དང་།ས་རྡོའི་སྨན།རྩི་སྨན།ཤིང་སྨན།སྔོ་སྨན།ལྡུམ་བུ་ཐང་སྨན།ལན་ཚྭའི་སྨན།རི་དྭགས་ཀྱི་སྨན།འབྲུ་སྨན།ཆུ་སྨན།ཁནྜ་བཅས་སྡེ་ཚན་བཅུ་གསུམ་དུ་བསྡུས་ཡོད་ལ།ཤིང་སྨན་རིགས་ནི་ལོ་མ།མེ་ཏོག །འབྲས་བུ།ཡལ་ག །སྡོང་བོ །ཕྱི་ཤུན།རྩ་བ །ཐང་ཆུ་བཅས་བརྒྱད་དུ་བསྡུས་ཡོད།སྔོ་སྨན་གྱི་རིགས་ལ།རྩ་བ །ལོ་མ།མེ་ཏོག །འབྲས་བུ།ཡོངས་རྫོགས་བཅས་རིགས་དྲུག་ཏུ་བྱས་ཡོད།གཞན་ཡང་སྨན་རྫས་ཀྱི་སྐྱེས་ཡུལ་དང་དབྱིབས།ནུས་པ་སོགས་ཀྱི་ཐད་གཞན་དྲིང་མི་འཇོག་པའི་ཞིབ་བརྗོད་གནང་ཡོད་པས།རང་རྒྱལ་གྱི་སྨན་རྫས་རིག་པའི་བརྩམས་ཆོས་གལ་ཆེན་གྱི་གྲས་སུ་བཞག་ཡོད།

བོད་ལུགས་གསོ་རིག་གི་སྨན་སྦྱོར་ཁག་ནི་ཞིབ་ཚགས་ལྡན་པའི་འདུལ་སྦྱོང་ལག་ལེན་དང་ཆོ་ག་ཕྱག་ལེན་ཆ་ཚང་བའི་རབ་གནས།ཆིག་བརྒྱུད་མན་ངག་གི་ཁ་ཚར་སོགས་སྒྲིག་གཞི་ཚགས་དམ་པའི་ལག་ལེན་བརྒྱུད་ནས་བྱུང་བ་ཤ་སྟག་ཡིན་པས།སྨན་གྱི་རིལ་བུ་རེ་རེ་ལ་ཡང་བྱིན་རླབས་ཀྱི་ཚན་ཁ་འབར་ཞིང་རང་བྱུང་ལྷད་མེད་ཀྱི་རྩི་བཅུད་འཛོམས་ཡོད་དོ།།


甘南藏族自治州藏医药文化展览中心——二楼藏药材展示馆

青藏高原幅员辽阔,地势高亢,面积约占全国总面积的四分之一,平均海拔超过四千米,其独特的自然环境孕育了种类繁多的藏药材资源,成为藏医药起源与发展的摇篮。资料表明,青藏高原共有藏药植物191科 692属2085种;动物药57科l11属159种;矿物药80余种,坐落于青藏高原东北边缘的甘南藏族自治州是中国十个藏族自治州之一,是以藏族为主的多民族聚居区,这里地形地貌复杂,平均海拔3000米以上,得天独厚的地理环境和纯净无污染的生态环境使之成为众多名贵珍稀藏药材的适生地,也是甘肃省藏药材主产区。藏药材大部分生长在海拔3800米以上的高寒草甸植被,雪山流石滩稀疏植被之间。这里无霜期短,日照时间长,神奇的地域药材在高、寒、强辐射、无污染等特殊的生长环境下,造就了药材非凡的生命力,生长的药材具有纯天然、无污染、活性成分高,药效显著的特点。全国重点普查的362个药材中,甘南州有227种,甘肃省内特有的70余种药用植物分布于甘南,其中不乏名贵藏药材,如:鹿茸、牛黄、冬虫夏草、雪莲、红景天、独一味、红花、唐古特大黄、黄精、人参果、寒水石、五灵脂、羊肚菌、喜马拉雅紫茉莉、鬼臼、翼首草、藏木香等。

藏医药学据文献可查的历史近4000年,公元八世纪末由杰出的藏医药学家玉妥·云丹贡布所著的藏医药学不朽的奠基巨著《四部医典》记载药物1002种,分为珍宝类、土类、石类、汁液精华类、湿生草类、旱生草类、动物类等八大类,提出药物的性味源于五大(土、水、火、风、空)和六味(甘、苦、酸、辛、咸、涩)、八性(寒、热、轻、重、钝、锐、润、糙)、十七效(寒、热、温、凉、干、稀润、糙、轻、重、稳、动、钝、锐、柔、糙、软)的理论。公元十八世纪杰出的藏医药学家帝玛尔·丹增彭措所著的集藏药学之大成的著作《晶珠本草》中系统地记载了2294种,该书根据药物的一些特性将药物归纳为珍宝类、石类、汁液精华类、树类、湿生草类、旱生草类、盐碱类、动物类、作物、水、膏汁等十三大类。树类药物有分叶、花、果实、枝、树干、皮、根、树脂等八大类,草类有分根、叶、花、果实、地上部分、全草等六类。同时对药物的环境、分布、形态特征、功效等方面做了详尽的记载和研究,该著述集藏药之大成,被列入我国经典本草著作。藏成药的生产取材考究、工艺繁杂,加上精湛的秘制工艺和绝妙配方以及诵经供奉的传统增效加持,生产出了粒粒贵重强劲高效的藏成药,因其天然贵重、药效卓著而享誉四方。

图片关键词   图片关键词

图片关键词   1528448143662804.jpg

1528448142727196.jpg   1528448142493219.jpg

1528448142942135.jpg   1528448143244102.jpg