༄༅།། གཅིན་སྙི་ཟ་ཁུ་ནད་ཀྱི་ཚན་ཁག

  གཅིན་སྙི་ཟ་ཁུ་ནད་ཀྱི་ཚན་ཁག་ནི་རང་རེའི་སྨན་རྩིས་ཁང་གི་ནད་ཐོག་ལག་ལེན་ཁྲོད་ཁྱད་འཕགས་རང་བཞིན་དང་ཁྱད་ཆོས་མངོན་པར་བཀྲ་བའི་ཚན་ཁག་གི་གྲས་སུ་བཀོད་ཡོད། དེར་ནད་ཀྱི་གནས་བབ་དང་དགོས་སྙེགས་ཀྱི་ཁྲོད་དུ་ཆེད་དུ་བཙུགས་པའི་ཚན་ཁག་ཅིག་ཡིན། གཅིན་སྙི་ཟ་ཁུ་ནད་འདི་དེང་སང་མི་རྣམས་ཀྱི་འཚོ་བའི་གོམས་བཤིས་དང་ཟས་སྤྱོད་དམན་ལྷག་ལོག་པའི་རྐྱེན་གྱིས་ནད་འདི་ཆར་ཤུལ་གྱི་ཤ་མོ་རྒྱས་པ་གནང་བཞིན་ཉིན་རེ་བཞིན་ཇེ་མང་འགྲོ་བ་ནི་མིག་མཐོང་ལག་ཟིན་དུ་འཁུམས། ནད་གཞི་འདི་གསོ་རིག་གཞན་དག་གི་དངོས་ཤུགས་བརྒྱུད་གསུམ་གྱིས་ནུས་ཤུགས་ཡོད་དགུ་བསྩལ་ཏེ་གསོ་བཅོས་བྱས་རུང་ནད་གཞི་ཐ་མལ་དུ་འགྲོ་བའི་དམིགས་པ་དེ་བས་དབེན། བོད་ལུགས་གསོ་རིག་གི་བགྲང་བྱ་སྟོང་ཕྲག་དུ་མའི་རིང་གི་གདམས་པའི་སྙིང་བཅུད་སྔོགས་འདོན་བྱས་ཏེ་གསོ་ཐབས་གྱ་ནོམ་པ་སྤེལ་ན་འབྲས་བུ་མི་དམན་པ་ཐོབ་པ་ནི་ལག་ལེན་དངོས་ཀྱི་སྟེང་ནས་ར་སྤྲོད་བྱ་ནུས། ལྷག་པར་དུ་ཚན་ཁག་འདིའི་ཚན་གཙོ་སྨན་པ་སྐལ་བཟང་ཕྱོགས་གླང་ནི་བགྲང་གཞི་དུ་མའི་རིང་དྲན་དབང་མང་པོའི་ཞབས་ལ་གཏུགས་ཏེ་གསོ་བཅོས་ཀྱི་གདམས་པ་བུམ་པ་གང་བྱོན་ཚུལ་དུ་གསོ་བཅོས་ཀྱི་ཐབས་ལམ་སྣེ་མང་ཅན་དུ་ཕྱོགས་ཏེ་གསོ་བྱའི་ནད་པའི་ཁམས་དང་བསྟུན་ནས་གསོ་བཅོས་བགྱིད་པ་དང་ཅབས་ཅིག་རང་གི་འབུམ་རམས་ཞིབ་འཇུག་གི་རྨང་གཞིའི་སྟེང་ནས་གསོ་བཅོས་ཉམས་མྱོང་ཕྱོགས་སྡོམས་བྱས་ཏེ་སྨན་ཞིག་གསར་གཏོད་ཟ་ཁུ་འཕྲུལ་སྤྱོརབྱས་ཡོད། དེ་ནི་ནད་ཐོག་ལག་ལེན་ཁྲོད་ཚོར་ལྟ་དང་ཞིབ་འཇུག་མང་པོ་བྱས་ཏེ་ཕན་འབྲས་མི་དམན་པ་ཐོབ་པར་མ་ཟད་སྨན་འདི་བསྟེན་པའི་ནད་པ་མང་ཤས་ཀྱིས་གདེངས་འཇོག་མཐོ་པོར་གནང་གི་ཡོད། ཚན་ཁག་འདི་སྨན་དོན་མི་སྣ་བཅུ་ལྷག་ཡོད་དེ་དག་སྨན་པ་འབུམ་རམས་པ་དང་།འབུམ་རམས་གཞོན་པ་སོགས་ཀྱིས་བློ་རྩེ་གཅིག་སྒྲིམ་དང་།ཧུར་འདེམས་མཉམ་སྐྱེད་ཀྱིས་གསོ་བྱ་ནད་པ་གཙིགས་སུ་བཟུང་སྟེ་མཁའ་དང་མཉམ་པའི་སེམས་ཅན་ལ་ཕན་པའི་བདེ་སྐྱིད་སྐྲུན་པའི་འཕྲལ་ཕུགས་དང་བོད་ལུགས་གསོ་རིག་མི་ཉམས་གོང་འཕེལ་བགྱིད་པའི་རྨང་གཞི་སྲ་བརྟན་རྒྱུའི་ཕུགས་འདུན་དང་།མཐར་བོད་ལུགས་གསོ་རིག་འབྱུང་འགྱུར་ལ་ཕྱོགས་པའི་རེ་ལྟོས་ཟབ་མོ་བཅིངས་ཡོད།

糖尿病专科

 糖尿病专科是我院临床重点特色科室之一,主要针对当今糖尿病多发的现状和医院发展的需求而设。本科室以挖掘、整理、继承藏医药对糖尿病诊疗的传统优势为己任,系统总结多年临床经验及经典验方,开展对糖尿病的临床研究。科室主任尕藏校郎博士多次赴外拜访藏区德高望重的名老专家,同时在读博士期间,刻苦钻研,深入开展藏医药对糖尿病的临床研究,开展药物和动物试验,收集科研数据,循证归纳,最终研发糖尿病专药—“萨酷驰觉”,得到患者普遍好评。科室目前有医护人员十名,其中主任医师、副主任医师各2名。全科人员将以精湛的医技、良好的医德医风和团结协作的拼搏精神,共同打造特色专科精品。


甘肃省藏医药研究院/甘南藏族自治州藏医医院/藏医藏药/甘南藏药/甘肃藏医   甘肃省藏医药研究院/甘南藏族自治州藏医医院/藏医藏药/甘南藏药/甘肃藏医

图片关键词   图片关键词

图片关键词   图片关键词